张祥 主任医师 |
张祥,男,汉族,1978年10月,河北,中共党员,硕士研究生学历。北京市石景山医院医技党支部书记、影像科主任医师,首都医科大学讲师,中国卒中学会影像学组高级会员、中国图学会影像学组委员。现任称多县人民医院党支部副书记、医院院长,主攻方向:神经放射学和肿瘤影像诊断学。2023年获“2023年青海省组团式帮扶先进个人”、北京市“北京榜样.对口支援先锋”荣誉称号。 ཀྲང་ཞང་། རབ་འབྱམས་ཞིབ་འཇུག་སློབ་མ་།སྨན་པ་དཀའ་བཅུ་པ།རྒྱལ་སའི་གསོ་རིག་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་བཅས་ཡིན།ཀྲུང་གུང་ཏང་ཡོན་ཡིན།དེ་སྔ་པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་སྨན་ཁང་སྨན་བཅོས་ལག་རྩལ་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་གཟུགས་བརྙན་ཚན་ཁག་གི་ཀྲུའུ་རེན་སྨན་པ་འི་འགན་བཞེས་མྱོང་ཡོད།ད་ཆ་པེ་ཅིང་གྲོང་ཁྱེར་གྱིས་འདེམས་མངགས་བྱས་པའི་ཚོགས་པ་ལྔ་པའི་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཚོགས་པའི་རྣམ་པའི་རོགས་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་དང་ཁྲི་འདུ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཡིན།ཆེད་ལས་ཁ་ཕྱོགས་ནི་གཟུགས་བརྙན་གསོ་རིག་དང་ཉིང་རྡུལ་གསོ་རིག་ཡིན་ཞིང་། རྒྱལ་སའི་གསོ་རིག་སློབ་ཆེན་ཤོན་ཝུའུ་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ལི་ཁུན་ཁྲེང་དགེ་རྒན་ལ་བསྟེན།གཟུགས་བརྙན་བརྟག་དཔྱད་ལས་དོན་ལོ་20ལྷག་ཙམ་བྱས་པ་དང་།SCIདང་ཀྲུང་ཧྭ་རབ་དང་རིམ་པའི་ཆེད་རྩོམ་3དང་།རྒྱལ་ནང་གི་ལྟེ་བའི་དུས་དེབ་ཀྱི་ཆེད་རྩོམ་10ལྷག་ཙམ་སྤེལ།རྒྱལ་སའི་འཕེལ་རྒྱས་ཐེབས་རྩའི་རྣམ་གྲངས་2ལེགས་སྒྲུབ་བྱེད་པའི་ནང་ཞུགས་པ།སྨན་བཅོས་དུས་དེབ་མང་པོའི་རྩོམ་ཡིག་ཞིབ་བཤེར་རིགས་གཅིག་མཁས་ཅན་བཅས་ཡིན།གཙོ་རྒོལ་ཁ་ཕྱོགས་ནི་དབང་རྩའི་འགྱེད་འཕྲོ་རིག་པ་དང་སྐྲན་ནད་གཟུགས་བརྙན་བརྟག་དཔྱད་རིག་པ་ཡིན།ད་ལྟ་ཀྲུང་གོའི་གཟའ་གྲིབ་སློབ་ཚོགས་ཀྱི་གཟུགས་བརྙན་རིག་པའི་ཚོགས་ཆུང་གི་མཐོ་རིམ་ཚོགས་མི་དང་།ཀྲུང་གོའི་རི་མོའི་སློབ་ཚོགས་ཀྱི་གཟུགས་བརྙན་རིག་པའི་ཚོགས་ཆུང་གི་ཨུ་ཡོན་ཡིན། |
张鹏 主管药师 |
张鹏,北京市石景山医院主管药师,毕业于河北医科大学药学系,从事医院药学工作20余年,工作中聚焦于临床合理用药、精准化用药研究,具有丰富的医院药学及临床药学工作经验,擅长抗肿瘤药物、抗感染药物的临床合理应用,经常参加临床会诊及用药咨询工作,同时围绕临床工作中遇到的用药问题,积极开展专业技术工作,近来年以第一作者先后发表学术论文十余篇,曾获得北京药师协会优秀药师等荣誉称号。 ཀྲང་ཕུན། པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་སྨན་ཁང་གི་གཙོ་གཉེར་སྨན་རྫས་སྒྲུབ་ཡིན། ཧོ་པེ་གསོ་རིག་སློབ་ཆེན་སྨན་རྫས་རིག་པའི་ཚན་ཁག་ནས་ཐོན་པ་དང་སྨན་ཁང་གི་སྨན་རྫས་རིག་པའི་ལས་ཀ་བྱས་ནས་ལོ་20ལྷག་ཙམ་བྱས་ཡོད།ལས་ཀའི་ཁྲོད་ནད་ཐོག་སྨན་བཅོས་ཀྱི་ལུགས་མཐུན་སྨན་དང་གནད་ལ་འཁེལ་བའི་སྨན་གྱི་ཞིབ་འཇུག་ལ་དམིགས་ནས་སྨན་ཁང་གི་སྨན་རྫས་རིག་པའི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་ཡོད།སྐྲན་ནད་འགོག་པའི་སྨན་རྫས་དང་འགོས་ནད་འགོག་པའི་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་ཀྱི་ལུགས་མཐུན་བེད་སྤྱོད་ལ་མཁས།དུས་རྒྱུན་དུ་ནད་ཐོག་སྨན་བཅོས་ཀྱི་མཉམ་འདུས་བརྟག་དཔྱད་དང་སྨན་རྫས་ཀྱི་བློ་འདྲིའི་ལས་དོན་ལ་ཡང་ཞུགས་པ་དང་ཆབས་ཅིག་ནད་ཐོག་སྨན་བཅོས་ཀྱི་གནད་དོན་ལ་དམིགས་ནས་ཆེད་ལས་ལག་རྩལ་གྱི་ལས་དོན་ཧུར་ཐག་སྤེལ་བ་རེད།ཉེ་བའི་ལོ་ཤས་རིང་རྩོམ་པ་པོ་དང་པོས་ངོས་ནས་སྔ་རྗེས་སུ་རིག་གཞུང་དཔྱད་རྩོམ་བཅུ་ལྷག་ཙམ་སྤེལ་ཡོད།དེ་དང་ཆབས་ཅིག་པེ་ཅིང་སྨན་རྫས་མཐུན་ཚོགས་ཀྱི་ཕུལ་བྱུང་སྨན་རྫས་ཀྱི་མཚན་སྙན་ཐོབ་མྱོང་ཡོད། |
韦薇 主治医师 |
韦薇,北京市石景山医院中医科主治医师,首都医科大学讲师。硕士研究生,毕业于北京中医药大学,从事一线临床工作十几年。擅长运用针刺、艾灸、热敷等中医疗法治疗风湿性关节炎、类风湿性关节炎、关节退行性改变、颈肩痛、腰椎病等骨关节疾病,针灸治疗带状疱疹、面瘫、中风、耳鸣、鼻炎、头痛、失眠、荨麻疹等疾病。因出生并常年居住于被誉为“世界长寿之乡”的广西壮族自治区巴马瑶族自治县,对中医、壮族医学和瑶族医学的养生保健有一定了解。为第六批北京市级中医药专家学术经验继承工作的专家学术经验继承人,第一批北京市石景山区名中医传承工作室建设项目的名中医学术继承人,北京市石景山区疫病防治骨干人才库成员,中国中医药信息学会睡眠分会理事,中国中医药研究促进会疑难杂症分会委员。在核心期刊上发表医学论文12篇,主持首都医科大学校级教育教学改革项目1项,在国家级科普期刊上发表科普文章2篇。 ཝུའེ་ཝུའེ། པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་སྨན་ཁང་ཀྲུང་ལུགས་གསོ་རིག་ཚན་ཁག་གི་སྨན་བཅོས་སྨན་པ་གཙོ་བོ་དང་རྒྱལ་སའི་གསོ་རིག་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་ཡིན།རབ་འབྱམས་ཞིབ་འཇུག་སློབ་མ་ནི་པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་ནས་ཐོན་པ་ཡིན།ནད་ཐོག་སྨན་བཅོས་ལས་དོན་ལོ་བཅུ་ལྷག་ཙམ་གཉེར་ཡོད།ཁབ་གཙག་དང་མེ་བཙའ་ཚ་དུགས་སོགས་ཀྲུང་ལུགས་གསོ་ཐབས་སྤྱད་དེ་རླུང་རླན་རང་བཞིན་གྱི་ཚིགས་ནད།རླུང་རླན་འདྲ་བའི་ཚིགས་ནད།ཚིགས་ཕྱིར་བཀྱེད་རང་བཞིན་གྱི་འགྱུར་ལྡོག།སྐེ་དང་ཕྲག་པ་ན་བ།རྐེད་ཚིགས་ནད་སོགས་རུས་ཚིགས་ཀྱི་ནད་རིགས་གསོ་བཅོས་བྱེད་པར་མཁས་པ་དང་།ཁབ་གཙག་གིས་ཐགས་དབྱིབས་ཆུ་བུར་དང་།ངོ་གདོང་ཞ་བ།གྲིབ་ནད་།རྣ་འུར་བ།སྣ་ཚད།མགོ་ན་བ།གཉིད་མི་ཁུག་པ།ཟྭ་འབྲུམ་སོགས་ཀྱི་ནད་རིགས་གསོ་བཅོས་བྱེད་པར་ལ་ཡང་མཁས་།སྐྱེས་སའི་ཕ་ཡུལ་“འཛམ་གླིང་གི་ཚེ་ཐག་རིང་བའི་ཕ་ཡུལ”ཞེས་གྲགས་པའི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་པ་མ་ཡའོ་རིགས་རང་སྐྱོང་རྫོང་དུ་་ལོ་མང་བོར་འཚོ་སྡོད་བྱེད་ཡོད་པས་ཀྲོང་རིགས་གསོ་རིག་དང་ཡའོ་རིགས་གསོ་རིག་བཅས་ཀྱི་ལུས་གསོ་བདེ་སྲུང་ལ་རྒྱུས་མངའ་ངེས་ཅན་ཡོད།པེ་ཅིང་གྲོང་ཁྱེར་རིམ་པའི་ཀྲུང་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་གྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་ལས་དོན་ཁག་དྲུག་པའི་རིགས་གཅིག་མཁས་ཅན་གྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་བྱེད་མཁན་དང་།པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་ཆུས་ཀྲུང་ལུགས་གསོ་རིག་གི་རིག་གཞུང་རྒྱུན་འཛིན་ལས་དོན་ཁང་འཛུགས་སྐྲུན་རྣམ་གྲངས་ཁག་དང་པོའི་ཀྲུང་ལུགས་གསོ་རིག་གི་རིག་གཞུང་རྒྱུན་འཛིན་བྱེད་མཁན་དང་།པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་ཆུས་རིམས་ནད་འགོག་བཅོས་རྐང་འཛིན་ཤེས་ལྡན་མི་སྣའི་མཛོད་ཀྱི་ཁོངས་མི།ཀྲུང་གོ་ཀྲུང་ལུགས་གསོ་རིག་གི་ཆ་འཕྲིན་སློབ་ཚོགས་གཉིད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་བཅས་ཡིན།ལྟེ་བའི་དུས་དེབ་ཐོག་གསོ་རིག་དཔྱད་རྩོམ་12སྤེལ་བ་དང་།རྒྱལ་སའི་གསོ་རིག་སློབ་ཆེན་གྱི་སློབ་གྲྭ་རིམ་པའི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་རྣམ་གྲངས་1གཙོ་སྐྱོང་བྱས་པ།རྒྱལ་ཁབ་རིམ་པའི་ཚན་རིག་ཁྱབ་གདལ་དུས་དེབ་ཐོག་ཚན་རིག་ཁྱབ་གདལ་རྩོམ་ཡིག་2སྤེལ་བ་ཡིན། |
史淑利 主治医师 |
史淑利 清华大学玉泉医院消化内科主治医师,毕业于西安交通大学临床医学专业,从事消化内科工作20余年。曾在首都医科大学附属北京友谊医院消化科进修1年。擅长:各型胃炎、急慢性胃肠炎、HP感染、胃食管反流、消化性溃疡、功能性胃肠病、腹泻、腹痛、便秘、消化道出血、肝胆及胰腺疾病、炎症性肠病等消化科常见病及疑难危重症的诊治;消化道早癌筛查;熟练胃镜、肠镜、胶囊内镜、超声内镜、放大内镜等操作;胃肠道息肉冷切、热切及EMR等内镜治疗;消化道出血镜下治疗等。兼治:慢性咳嗽、急慢性支气管炎、肺炎、慢性阻塞性肺疾患、支气管哮喘及老年患者常见病及多发病等。发表论文多篇。多次荣获院级优秀工作者及医疗标兵称号;2022年冬奥会优秀工作者,2022年石景山区优秀医师。 ཧྲི་ཧྲུའུ་ལི། ཆིང་ཧྭ་སློབ་ཆེན་ཡུས་ཆོན་སྨན་ཁང་འཇུ་བྱེད་ཁོག་ནད་ཚན་ཁག་གི་སྨན་བཅོས་སྨན་པ་གཙོ་བོ་ཡིན།ཞེས་ཨན་འགྲིམ་འགྲུལ་སློབ་ཆེན་ནད་ཐོག་གསོ་རིག་ཆེད་ལས་ནས་ཐོན་པ་དང་འཇུ་བྱེད་ཁོག་ནད་ཚན་ཁག་གི་ལས་ཀ་ལོ་20ལྷག་ཙམ་བྱས་ཡོད། དེ་སྔ་རྒྱལ་སའི་གསོ་རིག་སློབ་ཆེན་ཁོངས་གཏོགས་པེ་ཅིང་མཛའ་གྲོགས་སྨན་ཁང་འཇུ་བྱེད་ཚན་ཁག་ཏུ་ལོ་གཅིག་ཟབ་སྦྱོང་བྱས།ཕོ་ཚད་སྣ་ཚོགས་དང་དལ་བའི་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད།HPརེད་པ།ཕོ་བ་དང་མིད་པའི་ལྡོག་རྒྱུན།འཇུ་བྱེད་རང་བཞིན་སྨུག་འགྱུར།བྱེད་ལས་རང་བཞིན་གྱི་ཕོ་རྒྱུའི་ནད།ཁོག་པ་བཤལ་བ།གསུས་ན་བ།བཤང་འགགས་པ།འཇུ་ལམ་ནས་ཁྲག་ཐོན་པ།མཆིན་མཁྲིས་དང་ཤན་རྨེན་གྱི་ནད།ཚ་ནད་རང་བཞིན་གྱི་རྒྱུ་མའི་ནད་སོགས་འཇུ་བྱེད་ཚན་ཁག་གི་རྒྱུན་མཐོང་ནད་དང་དོགས་གནད་ཚབས་ཆེ་བའི་ནད་ལ་བརྟག་བཅོས་བྱེད་པ།འཇུ་ལམ་གྱི་འབྲས་སྐྲན་སྔ་མོར་བརྟག་དཔྱད།ཕོ་ཤེལ་དང་རྒྱུ་ཤེལ།སྤྱིན་ཐུམ་ནང་ཤེལ།ཚད་བརྒལ་སྒྲ་རླབས་ནང་ཤེལ།ཆེར་བསྐྱེད་ནང་ཤེལ་སོགས་ཀྱི་བཀོལ་སྤྱོད་བྱང་ཆུབ་ཡོད། ཕོ་བ་དང་རྒྱུ་མའི་ཤ་ལུ་གྲང་གཏུབ་དང་ཚ་གཏུབ་དངEMRསོགས་ནང་ཤེལ་གྱིས་གསོ་བཅོས་བྱེད་ཐབ།འཇུ་ལམ་ནས་ཁྲག་ཤོར་བའི་མེ་ལོང་འོག་ཏུ་གསོ་བཅོས་བྱེད་པ་སོགས་ལ་མཁསཔ་དང།དལ་བའི་རང་བཞིན་གྱི་གློ་ལུ་དང་དལ་བའི་རང་བཞིན་གྱི་གློ་ཡུའི་ཡན་ལག་གཉན་ཚད།གློ་ཚད།དལ་བའི་རང་བཞིན་གྱི་ཐོགས་འགགས་རང་བཞིན་གྱི་གློ་བའི་ནད།གློ་ཡུའི་ཡན་ལག་དབུགས་འཚང་བ།རྒན་པའི་ནད་པའི་རྒྱུན་མཐོང་ནད་དང་རྒྱུན་འབྱུང་ནད་སོགས་མཉམ་བཅོས་བྱེད་པ་ཡིན།ད་དུང་དཔྱད་རྩོམ་མང་པོ་སྤེལ་ཡོད་ལ།སྨན་ཁང་རིམ་པའི་ཕུལ་བྱུང་ལས་དོན་པ་དང་སྨན་བཅོས་དཔེ་དམག་གི་མཚན་སྙན་ཐེངས་མང་ཐོབ་པ། 2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཕུལ་བྱུང་ལས་དོན་པ།2022ལོའི་ཧྲི་ཅིང་ཧྲན་ཁུལ་གྱི་ཕུལ་བྱུང་སྨན་པ་དཀའ་བཅུ་པ་སོགས་ཐོབ་པ་ཡིན། |
姜浩 副主任医师 |
姜浩,北京大学首钢医院心血管内科副主任医师,医学硕士。擅长专业:心血管内科各种常见病、多发病以及急危重症的抢救治疗工作,以及冠心病、高血压、心律失常、心力衰竭等的诊断治疗。临床工作十余年,主要从事心血管内科冠心病介入诊疗技术。主要研究方向:冠脉介入无植入技术、冠脉功能学以及腔内影像学。有扎实的专业理论基础和丰富的临床经验,在国家级核心期刊发表多篇学术论文。中华中医药学会冠心病介入青年委员。 ཅང་ཧའོ། པེ་ཅིང་སློབ་ཆེན་ཧྲོའུ་ཀང་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཞོན་པ་དང་གསོ་རིག་རབ་འབྱམས་པ་ཡིན།སྙིང་ཁམས་ཁྲག་རྩའི་ནད་ཚན་པའི་རྒྱུན་མཐོང་གི་ནད་དང་།རྒྱུན་འབྱུང་ནད་རིགས་སྣ་ཚོགས་དང་དེ་བཞིན་ཛ་དྲག་དང་ཉེན་ཚབས་ཆེ་བའི་ནད་ཀྱི་མྱུར་སྐྱོབ་སྨན་བཅོས་ལས་དོན་དང་དེ་བཞིན་སྙིང་རྩ་རེངས་པའི་ནད།ཁྲག་ཤེད་མཐོ་བ།སྙིང་འགྲོས་རྒྱུན་ཤོར།སྙིང་ཤུགས་ཉམས་ཟད་སོགས་ཀྱི་བརྟག་དཔྱད་སྨན་བཅོས་ཆེད་ལས་ལ་མཁས།ནད་ཐོག་སྨན་བཅོས་ཀྱི་ལས་ཀ་ལོ་བཅུ་ལྷག་ཙམ་བྱས་ནས་གཙོ་བོ་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་གི་སྙིང་རྩ་རེངས་པའི་ནད་སྨན་བཅོས་བྱེད་པའི་ལག་རྩལ་གཉེར་བཞིན་ཡོད།ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་པྲོག་དབྱིབས་འཕར་རྩའི་ནང་དུ་ཞུགས་པའི་ལག་རྩལ་དང་།པྲོག་དབྱིབས་འཕར་རྩའི་བྱེད་ལས་རིག་པ།ཁོག་ནང་གཟུགས་བརྙན་རིག་པ་བཅས་ཡིན།ཆེད་ལས་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད།རྒྱལ་ཁབ་རིམ་པའི་ལྟེ་བའི་དུས་དེབ་ཐོག་རིག་གཞུང་དཔྱད་རྩོམ་མང་པོ་སྤེལ་ཡོད། ཀྲུང་ཧྭ་ཀྲུང་ལུགས་གསོ་རིག་ཚོགས་པའི་སྙིང་རྩ་རེངས་པའི་ནད་ཀྱི་གཞོན་ནུ་ཨུ་ཡོན་ཡིན། |